Sangay Tenzin's Profile

Are you a reader?

Then Become a Star Reviewer on

BOOKNESE

Sangay Tenzin

Level Badge

Bronze

Points: 5

Setrum: 2.00

Earn points, setrum* and lots of respect

*Setrum is BOOKNESE's own crypto currency that can be used on the platform to buy books.

ནམ་ལྷོད་ཚུགས་ག (Nam Hay Tsu Ga?)

ནམ་ལྷོད་ཚུགས་ག?  ཟེར་བའི་སྲུང་དེབ་འདི་ རྩོམ་པ་པོ་གི་མི་ཚེ་ནང་  དཀའཝ་སྤྱོད་པའི་འབྲས་བུ་དང་ སྔོན་གྱི་དུས་དང་དེང་དུས་གཉིས་ཀྱི་ཁྱད་པར་གྱི་སྐོར་ཚུ་  སྲུང་གི་སྒོ་ལས་བྲིས་མི་འདི་གིས་  མ་འོངས་ན་གཞོན་ཚུ་གིས་ ང་བཅས་རའི་འབྲུག་རྒྱལ་ཁབ་ཀྱི་  གནས་སྟངས་ཚུ་གི་སྐོར་ ཤེས་ཚུགས་པའི་ཁེ་ཕན་འདུག།  དེ་མ་ཚད་  ན་གཞོན་ཚུ་ ཤེས་རིག་ཡོན་ཏན་འདི་  ག་དེམ་ཅིག་ཁག་ཆེཝ་ཨིན་ན་ སྲུང་དེབ་འདི་ནང་བྲིས་ཡོདཔ་ལས་  ཕན་པའི་ས་བོན་བཟང་པོ་ཅིག་ལེན་ནི་  གོ་སྐབས་འདུག ཐད་ཀར་དུ་ སློབ་ཕྲུག་འབད་སྡོད་པའི་རིང་ལུ་  རང་གི་སྤྲོ་བའི་ཆོས་ཚན་ དང་ འབད་ཚུགས་པའི་ཆོས་ཚན་ཚུ་ གདམ་ཁ་མ་ནོར་བར་ གདམ་ཁ་རྐྱབ་ནི་སྐོར་ལས་ཡོདཔ་ལས་  ང་བཅས་སློབ་ཕྲུག་ཚུ་གི་ འབད་ཚུགས་པ་ཅིན་ ཀི་དེབ་ཉོ་སྟེ་ལྷག་ནི་ དེ་མེན་རུང་ ཀི་དེབ་འདི་གཞན་གྱི་ཉོ་མི་འདི་ བརྙ་ཞིནམ་ལས་ལྷག་བལྟ་བ་ཅིན་  དབའི་་་་ཨིན་པས་སྨ་རེ་་་་ཟེར་བའི་ བསམ་བློ་ཅིག་བཏང་ཚུགས་པའི་  ནུས་པ་འདུགརྩོམ་པ་པོ་@ Ema Haden ལུ་ ང་བཅས་རའི་འབྲུག་རྒྱལ་ཁབ་འདི་  ཆུང་ཀུ་ཅིག་ལུ་  མི་བརློབས་ཡང་ཉུང་སུ་ཅིག་ལས་  མེད་པའི་ཁར་  རྫོང་ཁ་ལུ་སྤྲོ་བ་བསྐྱེད་མི་  གྱངས་ཁ་ཆོདཔ་ཅིག་ལས་མེད་རུང་  ཤ་ཞེན་ཐོག་ལུ་ཉེན་ཁ་འབག་ཐོག་ལས་ པར་སྐྲུན་འབད་མི་ལུ་  སེམས་དགའ་བཅུག་ཟེར་ ཁ་ལས་ཁ་བཟང་རྐྱངམ་ཅིག་མེན་པར་  ཧིང་གི་གདིང་ལས་དགའ་ཚོར་ཡོད།བཀྲིན་ཆེ།